查看原文
其他

བོད་ལུགས་ཁང་བའི་གྲུབ་ཆ་རིས་འགྲེལ་མ།

👉 TB罗布林卡 2020-02-28

      བོད་ལུགས་ཁང་བའི་གྲུབ་ཆ་རིས་འགྲེལ་མ།                                                                                         

༄།བོད་ཀྱི་ཡུལ་བབ་དང་མཐུན་ཞིང་བོད་མི་རང་གི་ལག་ཤེས་བཟོ་རྩལ་ལས་ཐོན་པའི་ཁང་བཟོ་རིག་གནས་ཀྱང་རིམ་གྱིས་གྲོང་གསེབ་གྲོང་སྡེ་དང་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་གནས་སྤོ་ལས་བོད་མི་རང་གི་ཁང་བཟོ་ཁྱད་ཆོས་ཆ་རྣམས་ཡོངས་སུ་གྲོང་ཁྱེར་དུ་འཐིམས་ནས་ཐ་མར་མིང་གི་ལྷག་མ་ཙམ་དུ་ལུས་ཀྱང་སྲིད། འདི་ལྟར་མི་རིགས་རང་གི་ཁྱད་ཆོས་མཚོན་པའི་ཆ་རྣམས་སྲུང་མ་ཐུབ་པར་རེ་རེ་བཞིན་གཞན་གྱིས་ཁྱུར་མུད་དུ་བཏང་ན། ནམ་ཞིག་གི་ཚེ་ཁྱད་ཆོས་མེད་པའི་མི་རིགས་དེ་འཚོ་ཡོད་ཀྱང་མེད་པ་དང་ཆ་འདྲ་བར་འགྱུར་རོ། །མདོར་ན་བོད་པའི་རིག་གནས་ཀྱི་གཞི་རྟེན་འབྲོག་པའི་ལག་ནས་སྦྲ་ནག་རིག་གནས་ཤོར། ཞིང་བའི་ལག་ནས་ཁང་བཟོ་རིག་གནས་ཤོར་ན་ཞ་ཞོར་གྱི་རིག་གནས་ཤིན་ཏུ་མང་བོ་ཞིག་རྨེག་མེད་དུ་འགྱུར་བ་ཐག་གིས་ཆོད་ལ། གཞི་བོད་མི་དེ་ངོས་འཛིན་བྱེད་ཀྱི་མངོན་སུམ་ཁྱད་པར་གྱི་ཆོས་མང་པོ་ཞིག་མེད་པར་འགྱུར་ངེས་ཡིན་ནོ། །

         

 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存